西藏快3

འདི་ལོ་གྲོང་གསེབ་ཀྱི་མི་འབོར་95%ཡན་ལ་བདེ་འཇགས་ཆུ་འཐུང་རྒྱུ་ཡོད་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ།
稿件来源: ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། 发布日期: 2019-06-18 浏览次数:       字体大小:

   ཉིན་ཤས་གོང་དུ་གསར་འགོད་པར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་དོན་སྐུལ་འདེད་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར།“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་གྱི་2018ལོའི་བར་དུ་བསྡོམས་རྩིས་བྱས་ན།ལྗོངས་ཡོངས་ཀྱིས་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་23.57བཏང་བ་དེའི་ནང་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་6.14དང་།PSLནས་དངུལ་བུན་སྒོར་དུང་ཕྱུར་3.78གཡར་བ།གྲོང་ཁྱེར་དང་ས་ཁུལ་7ནས་དབུལ་སྒྲོལ་འགག་སྒྲོལ་གྱི་མ་དངུལ་སྒོར་དུང་ཕྱུར་3.69ཟླ་སྒྲིལ་བཏང་བ།རིགས་ཁག་གི་ས་གནས་ནོར་སྲིད་དང་ཞིང་འབྲེལ་མ་དངུལ་སོགས་སྒོར་དུང་ཕྱུར་9.96བཅས་བཏང་ཡོད།ལྗོངས་ཡོངས་ཀྱི་མི་ཁྲི་84.54ལ་ཕན་པ་ཐོབ་པ་དང་དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་27.25ཡོད་པ་རེད།

         ངོ་སྤྲོད་བྱས་པར་གཞིགས་ན།མིག་སྔར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་མི་འབོར་ལ་ཁྱབ་ཚད་86%དང་།གྲོང་གསེབ་ཀྱི་འཐུང་ཆུ་གཅིག་སྡུད་མཁོ་འདོན་བྱེད་ཚད་86%རང་འབབ་ཆུ་ཀ་ལ་ཁྱབ་ཚད་71.7%ཆུ་སྤུས་ཚད་གཞི་ལོན་ཚད་87.2%ལས་གྲྭ་ཆུང་གྲས་ལ་ཆུ་མཁོ་འདོན་འགན་སྲུང་ཐུབ་ཚད་85%བཅས་ཟིན་པ་དང་།དེ་མིན་གྱི་ལས་གྲྭར་ཆུ་མཁོ་འདོན་འགན་སྲུང་བྱེད་ཚད་90%ཟིན་ཡོད།2019ལོའི་ཟླ་4ཚེས་4ཉིན་བར་དུ་རང་ལྗོངས་སུ་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཡོད་པའི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དུད་ཚང་6869དང་མི་གྲངས་31280ཡོད།

        “རང་ལྗོངས་ཀྱི‘ལོ་ལྔ་ཚན་བཅུ་གསུམ་པའི’འཆར་འགོད་ཀྱི་ཀྲུང་དབྱང་སྔོན་རྩིས་ནང་ལྷག་པའི་2019ལོ་དང་2020ལོའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་2.72དེ་འདི་ལོའི་ལོ་འགོར་ཐེངས་གཅིག་ལ་སྤྲད་ཟིན་པ་དང་།ཉེ་ཆར་སླར་ཡང་མ་དངུལ་སྒོར་དུང་ཕྱུར་2.6བརྩོན་ལེན་ཐུབ་ནས།ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་3.2ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭའི་མ་འཇོག་དགོས་མཁོ་ཡོངས་སུ་བསྐངས་ཐུབ་མོད།འོན་ཀྱང་ལྗོངས་ཡོངས་ཀྱི་ལས་གྲྭ་སྲ་བརྟན་དང་རིམ་སྤོར་འཛུགས་སྐྲུན་གྱི་མ་དངུལ་སྔར་བཞིན་ཁ་ཐང་པོ་ཡོད”ཅེས་རང་སྐྱོང་ལྗོངས་ཆུ་བེད་ཐིང་གི་ཐིང་ཀྲང་སུན་ཤན་ཀྲུང་གིས་བརྗོད་པ་དང་།ཡང་ཁོང་གིས།གོམ་སྟབས་རྗེས་མར་ཆུ་བེད་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་འབྲེལ་ཡོད་སྡེ་ཚན་དང་སྦྲེལ་མཐུད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས།ཀྲུང་དབྱང་གིས་བོད་ཀྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་སྲ་བརྟན་དང་རིམ་སྤོར་ལས་གྲྭར་རྒྱབ་སྐྱོར་དེ་བས་ཆེ་བ་བྱ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན།དེ་དང་ཆབས་ཅིགརིམ་ཁག་སྲིད་གཞུང་གིས་ཐབས་ལམ་མང་པོར་བརྟེན་ནས་མ་དངུལ་གྲབས་གསོག་གིས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་དང་།ཤིན་ཏུ་དབུལ་པོའི་ས་ཁུལ་འཛུགས་སྐྲུན་མ་དངུལ།བོད་སྐྱོར་མ་དངུལ།སྲིད་ཇུས་རང་བཞིན་གྱི་ཡིད་རྟོན་མ་དངུལ།ས་གནས་ཀྱི་བུན་འཛིན་སོགས་བསྡུ་སྒྲིལ་བྱས་ཏེ།གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཐད་ཀྱི་མ་དངུལ་ཁ་ཐང་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་དང་།འདི་ལོ་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་མི་འབོར་ལ་ཁྱབ་ཚད་95%ཡན་ཟིན་པའི་བརྩོན་ལེན་བྱས་ཏེ།ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ལྷག་མ་ཁྲི་3.2ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བརྗོད།

 

分享到:
责任编辑: སྤེན་པ་སྒྲོལ་མ།